Sunday, May 8, 2016

བཀབ་ནེའི་འབྱུང་ཁུངས་དང་དེའི་དར་ཚུལ།



སྤྱིར་འཛིམ་གླིང་ནང་དར་ཚུལ།
སྤྱིར་བཏང་འཛམ་གླིང་ནང་དར་ཚུལ་འདི་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་པ་བཞི་ལུ་འདུལ་ཁྲིམས་བཅའ་སྟེ་གནང་བའི་སྐབས་སུ་ཆོས་གོས་རྣམ་གསུམ་གྱི་ཁྱད་པར་ཚུ་མཛད་དེ་འདི་ཚུ་གཙོ་བོ་གུས་ཞབས་ཀྱི་དོན་ལུ་དང་བསྙེན་རྫོགས་དང་བསྙེན་རྫོགས་མིན་པའི་དགེ་སློང་ཚུ་གི་བར་ན་ཁྱད་པར་ཕྱེ་ནིའི་དོན་ལུ་གྱོན་དགོཔ་སྦེ་གསུངས་ཞིནམ་ལས་ཚུར་བཀབ་སྲོལ་བྱུང་ནུག
འཁོར་རྣམ་པ་བཞི་ནི-
དགེ་སློང་། དགེ་སློང་མ། དགེ་བསྙེན་ཕ། དགེ་བསྙེན་མ།
ཆོས་གོས་རྣམ་གསུམ་ནི-
བླ་གོས།  མཐང་གོས།  སྣམ་སྦྱར།

འབྲུག་རྒྱལ་ཁབ་ནང་དར་ཚུལ།
ཧེ་མ་དུས་རབས་བརྒྱད་པའི་ནང་བུམ་ཐང་རྒྱལཔོ་་སིནྡྷུ་ར་ཛཱ་གིས་གུ་རུ་རིན་པོ་ཆེ་ལྷོ་མོན་འབྲུག་ལུ་གདན་འདྲེན་ཞུཝ་བཞིན་དུ་གུ་རུ་རིན་པོ་ཆེ་གིས་བུམ་ཐང་སྐུ་རྗེ་ལུ་་བྱོན་ཏེ་གནས་བདག་ཤེལ་གིང་དཀར་པོ་དམ་ལུ་བཏག་གནངམ་མ་ཚད་འབྲུག་མི་ཚུ་ལུ་སྲོག་གཅོད་པ།མ་བྱིན་ལེན་པ།མི་ཚང་སྤྱོད ་པ།རྫུན་་སྨྲ་བ།ཆང་འཐུང་བ་འདི་ཚུ་འབད་མ་ཆོག་པའི་དགེ་བསྙེན་གྱི་སྡོམ་པ་གནང་ཞིནམ་ལས་ཚུར་གཙོ་བོ་ཆོས་ཀྱི་མཛད་སྒོ་དང་འབྲེལ་བའི་སྐབས་སུ་གུས་ཞབས་ཀྱི་དོན་ལུ་དང་དགེ་བསྙེན་གྱི་སྡོམ་པ་ཡོད་ཟེར་བའི་བརྡ་དོན་ལུ་མི་སེར་སྤྱིར་བཏང་གིས་བཀབ་ནེ་དཀརཔོ་དང་དགེ་སློང་གི་རིགས་ འདུལ་བ་ལས་གསུངས་པའི་ཆོས་གོས་འདི་ཚུ་ལག་ལེན་འཐབ་སྲོལ་བྱུང་ནུག



དུས་རབས་༡༧པའི་ནང་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་གཞུང་དབུ་བཙུགས་གནང་ཚར་ཞིནམ་ལས་ཚུར་ དཔོན་ཁག་གཙོ་ཅན་གྱི་རིགས་དགེ་འདུན་གྱི་སྡེ་ལས་བསྐོས་པའི་སྐབས་སུ་གཉིས་སྐལམ་དང་ལྷན་རྒྱས་ཀྱི་ན་བཟའི་དབྱེ་བ་སོ་སོ་མཛད་གནངམ་མ་ ཚད་སྤྱིར་བཏང་ག་ར་བཀབ་ནེ་དཀརཔོ་བཀབ་དགོ་པའི་སྲོལ་བྱུང་ནུག
འདི་ཡང་གཙོ་བོ་བླམ་སློབ་དཔོན་བཞུགས་སར་བཅར་བའི་སྐབས་དང་ཆོས་ཞུ་བ་འི་སྐབས་སུ་གུས་ཞབས་ཀྱི་དོན་ལུ་དང་དཔོན་ཁག་འདི་ཚུའི་གོ་ གནས་ངོས་འཛིན་གྱི་དོན་ལུ་ལག་ལེན་འཐབ་སྲོལ་བྱུང་ནུག

སྤྱི་ལོ་༡༦༥༠ལས་འགོ་བཙུག་སྟེ་སྡེ་སྲིད་ཚུ་གི་སྐབས་ལུ་དཔོན་ཁག་འདི་ཚུ་མི་སྐྱ་ལས་བསྐོས་སྲོལ་བྱུང་པའི་སྐབས་སུ་མི་སྐྱ་ལས་བསྐོས་པའི་དཔོན་ ཁག་འདི་ཚུ་ལུ་ཡང་སྔར་སྲོལ་དང་འཁྲིལ་ཏེ་གོ་སའི་རྟགས་སུ་མཛད་གནངམ་མ་ཚད་། ཆིབས་ཞོན་པའི་རིགསབཀབ་ནེ་དཀརཔོ་བཀབ་དགོ་པའི་སྲོལ་བྱུང་ནུག འདི་མ་ཚད་རྟོགས་ལྡན་སྒརཔ་༼རྒཔོ༽ ཚུ་ལུ་གོས་དཀར སྔགས་པའི་ཆས་དང་འདྲ་བར་མཛད་གནང་ནུག འདི་ཡང་གཙོ་བོ་གུས་ཞབས་དང་གོ་གནས་ཀྱི་དབྱེ་བ་ཕྱེ་ནིའི་དོན་ལུ་མཛད་གནང་ནུག


བཀབ་ནེ་གི་ལག་ལེན།
༡-ལྷ་ཁང་དགོན་སྡེ་དང་རྫོང་གཞི་ཚུ་ནང་ལས་འགྱོ་བའི་སྐབས།  སྐྱེས་བུ་དམ་པའམ་རང་ལས་མཐོ་བའི་གོ་གནས་ཅན་ཚུ་དང་མཇལ་ཕྲད་
  འབད་བའི་སྐབས། ཕྱག་དབང་བཅར་ཞུ་དང་རྟེན་འབྲེལ་རྩིས་སྲུང་གི་སྐབས། ཆོས་ཞུ་བའི་སྐབས་སུ་གུས་ཞབས་ཀྱི་བརྡ་མཚོན་ལུ་ལག་ 
  ལེན་འཐབ་ཨིན།
༢-མི་སྐྱ་ལས་འགོ་བཙུག་སྟེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚུན་ རང་སོའི་འགན་ཁུར་དང་བསྟུན་པའི་གོ་གནས་ཀྱི་བརྡ་མཚོན་ལུ་ལག་ལེན་འཐབ་ 
  ཨིན།
༣-ཧེ་མ་འབད་བ་ཅིན་ས་ཐག་རིང་སར་འགྱོ་དགོཔ་རེ་འཐོན་པའི་སྐབས་སུ་་ཅ་ལ་འདི་ཚུ་འབག་ནིའི་དོན་ལས་ལག་ལེན་འཐབ་སྲོལ་ཡོད་རུང་ 
  ད་རེས་ནངས་པ་རྒྱལ་ཁབ་ཀྱི་ཡར་རྒྱས་བསྒྱུར་བ་ལུ་བརྟེན་ཏེ་ཅ་ཆས་འབག་ནི་གི་ཕད་ཅུང་མ་འདྲཝ་ཚུ་ལག་ལེན་འཐབ་ཨིན་པས།
༤-ཞབས་ཁྲ་འདི་ཚུ་རྐྱབ་པའི་སྐབས་དང་ཆིབས་གྲལ་གྱི་སྐབས་སུ་འབངས་རྔ་ཀྲིང་ཀྲིང་དང་དར་འབག་མི་ཚུ་གིས་ཡང་བཀབ་ནེ་ཕྱག་རྐྱབ་སྟེ་
  བཀབ་སྲོལ་ཡོདཔ་ཨིན།





1 comment:

  1. As stated by Stanford Medical, It's really the one and ONLY reason this country's women live 10 years more and weigh on average 19 kilos lighter than us.

    (And actually, it has totally NOTHING to do with genetics or some secret diet and really, EVERYTHING to do with "HOW" they eat.)

    BTW, I said "HOW", not "what"...

    Tap on this link to see if this short quiz can help you discover your true weight loss possibilities

    ReplyDelete